当雄县政府网站 | 2024-03-20 11:38 | 来源:当雄县 | 【字体:大中小】 | 【打印文本】 |
分享到:
|
为规范牲畜饲养和卫生管理,全面治理城区及周边放养牲畜行为,营造良好的城乡人居环境,根据《中华人民共和国公路法》《公路安全保护条例》《城市市容和环境卫生管理条例》《拉萨市市容环境卫生管理条例》《拉萨市城市绿化条例》《拉萨市城市管理综合执法办法》等法律法规和有关规定,结合城乡环境综合大整治行动工作要求,经县政府研究,决定对当雄县城区及周边放养牲畜行为进行专项整治。现将有关事宜公告如下。
一、严禁任何单位和个人在县城城区及周边主街道、次干道、公园、广场、绿地、居民生活区等公共场所,各乡(镇)、村(居)所在地公共区域随地放养牲畜。
二、饲养单位或个人应当防止牲畜进入城区妨碍公共交通、损坏城市公共设施、破坏绿地及绿化设施、影响市容环境卫生。如因牲畜管理不当造成损失的,由牲畜所有单位或个人按照法律法规依法承担法律责任。
三、在城区及周边出现随意放养的牲畜,由属地乡(镇)、村(居)负责驱赶至临时指定点(乡(镇)、村(居)自行设定)集中统一管理,期间产生的一切费用和后果由牲畜所有人承担。根据《拉萨市城市管理综合执法办法》实施细则第三章第八条第八款“未经批准,擅自饲养家畜、家禽,影响市容和环境卫生的,对单位处以100元以上2000元以下罚款;对个人处以5元以上300元以下罚款,情节严重的,处以3000元以下罚款。”,县住建局(城管局)等具有行政执法的机构对牲畜认领单位和个人予以处罚,处罚款项一律上缴至国库。
四、对于圈养在临时指定点超过7天无人认领的牲畜,根据国务院《城市市容和环境卫生管理条例》第三十五条“饲养家畜家禽影响市容和环境卫生的,由城市人民政府市容环境卫生行政主管部门或者其委托的单位,责令其限期处理或者予以没收,并可处以罚款。”,县住建局(城管局)联合相关执法部门对无人认领的牲畜予以没收。县农业农村局负责将没收的牲畜通过向社会公开拍卖等手段作价,拍卖款项全部上缴至国库。
五、各乡(镇)、村(居)要将在城区及周边禁止牲畜放养工作纳入乡规民约、村规民约,明确奖惩激励制度措施,通过乡(镇)人民代表大会、村(居)民代表大会等向群众公布,广泛宣讲、形成共识、共同遵守、确保实效。
六、任何单位和个人不得阻挠、干扰和扰乱整治工作。对于妨碍行政执法工作的,将依法追究其法律责任。构成犯罪的,依法追究刑事责任。
当雄县住建局(城管局)
2024年3月18日
༄༅། །འདམ་གཞུང་རྫོང་གི་གྲོང་ཁུལ་དང་དེའི་ཉེ་འཁོར་དུ་ཕྱུགས་རིགས་གསོ་སྤེལ་བྱེད་མི་ཆོག་པའི་སྐོར་གྱི་སྤྱི་བསྒྲགས།
ཕྱུགས་རིགས་གསོ་ཚགས་དང་། འཕྲོད་བསྟེན་དོ་དམ་ཚད་ལྡན་དུ་གཏོང་བ་དང་། གྲོང་ཁུལ་དང་ཉེ་འཁོར་དུ་ཕྱུགས་རིགས་གསོ་སྤེལ་བྱེད་པའི་བྱ་སྤྱོད་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་སྡོད་བྱེད་པའི་ཁོར་ཡུག་ལེགས་པོ་ཞིག་གཏོད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང་།《གཞུང་ལམ་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་ལྗང་འགྱུར་སྲོལ་ཡིག》《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་ཐབས》སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་ཀའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། རྫོང་སྲིད་གཞུང་གི་ཞིབ་འཇུག་བྱས་པ་བརྒྱུད། འདམ་གཞུང་རྫོང་གི་གྲོང་ཁུལ་དང་དེའི་ཉེ་འཁོར་དུ་ཕྱུགས་རིགས་གསོ་ཚགས་བྱེད་པའི་བྱ་སྤྱོད་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་རྫོང་གྲོང་གྲོང་ཁུལ་དང་དེའི་ཉེ་འཁོར་གྱི་ཁྲོམ་གཞུང་གཙོ་བོ་དང་། གཞུང་ལམ་ཕལ་པ། སྤྱི་གླིང་། ཐང་ཆེན། སྔོ་ལྗང་ཁུལ། གྲོང་མི་འཚོ་སྡོད་ཁུལ་སོགས་མི་མང་འདུ་འཛོམས་བྱ་ཡུལ་དང་། ཤང་(གྲོང་རྡལ)གྲོང་ཚོ(གྲོང་ལྷན)གནས་སའི་སྤྱི་པའི་ས་ཁོངས་བཅས་སུ་ཕྱུགས་རིགས་གསོ་སྤེལ་བྱེད་མི་ཆོག
གཉིས། གསོ་ཚགས་ཚན་པའམ་མི་སྒེར་གྱིས་ངེས་པར་དུ་ཕྱུགས་རིགས་གྲོང་ཁུལ་དུ་འཛུལ་ནས་སྤྱི་པའི་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་བཀོད་ལ་གཏོར་སྐྱོན་བཟོ་བ། སྔོ་ལྗང་ཁུལ་དང་སྔོ་ལྗང་སྒྲིག་བཀོད་ལ་གཏོར་བཤིག་གཏོང་བ། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་བཟོ་བ་བཅས་ལ་སྔོན་འགོག་བྱེད་དགོས། གལ་ཏེ་ཕྱུགས་རིགས་དོ་དམ་ལེགས་པོ་མ་བྱུང་བར་གྱོང་གུན་བཟོས་ན། ཕྱུགས་རིགས་ཀྱི་བདག་པོའི་ཚན་པའམ་མི་སྒེར་གྱིས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར་ཁྲིམས་ལུགས་ཀྱི་འགན་འཁྲི་འཁུར་དགོས།
གསུམ། གྲོང་ཁུལ་དང་དེའི་ཉེ་འཁོར་དུ་རང་དགར་གསོ་སྤེལ་བྱེད་པའི་ཕྱུགས་ རིགས་བྱུང་ཚེ། ཁོངས་གཏོགས་ཤང་(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཡིས་གནས་ སྐབས་ཤང་(གྲོང་རྡལ)དང་གྲོང་ཚོ(སྡེ་ཁུལ)སོ་སོས་གཏན་འཁེལ་བྱས་པའི་དམིགས་ འཛུགས་ས་ཚིགས་ལ་དེད་ནས་གཅིག་སྡུད་གཅིག་གྱུར་དོ་དམ་བྱ་རྒྱུའི་འགན་འཁུར་དགོས་པ་དང་། དེའི་རིང་ཐོན་པའི་འགྲོ་གྲོན་དང་མཇུག་འབྲས་ཚང་མ་ཕྱུགས་རིགས་ཀྱི་བདག་པོས་འགན་འཁུར་དགོས།《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་འཛིན་བྱ་ཐབས》ལག་བསྟར་ཞིབ་སྲོལ་གྱི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ནང་གསེས་བརྒྱད་པ་གཞིར་བཟུང་། "ཆོག་མཆན་མ་ཐོབ་པར་རང་དགར་ཕྱུགས་རིགས་གསོ་ཚགས་བྱས་ནས། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་ཤུགས་རྐྱེན་ངན་པ་བཟོས་ཚེ། ཚན་པར་སྒོར100ཡན་ནས་སྒོར2000མན་གྱི་དངུལ་ཆད་གཅོད་རྒྱུ་དང་། མི་སྒེར་ལ་སྒོར5ཡན་ནས་སྒོར300མན་གྱི་དངུལ་ཆད་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་རིགས་ལ་སྒོར3000མན་གྱི་དངུལ་ཆད་གཅོད་རྒྱུ།" རྫོང་སྡོད་ཁང་འཛུགས་སྐྲུན་ཅུད(གྲོང་ཁྱེར་དོ་དམ་ཅུད)སོགས་སྲིད་འཛིན་ཁྲིམས་འཛིན་བྱེད་མཁན་ལས་ཁུངས་ཀྱིས་ཕྱུགས་རིགས་ངོས་འཛིན་རྩིས་ལེན་བྱེད་མཁན་ཚན་པ་དང་མི་སྒེར་ལ་ཆད་པ་གཅོད་རྒྱུ་དང་དངུལ་ཆད་བཅད་པ་ཚང་མ་རྒྱལ་མཛོད་ལ་གོང་འབུལ་ཞུ་དགོས།
བཞི། གནས་སྐབས་ཀྱི་དམིགས་འཛུགས་བྱས་པའི་ས་ཆར་གསོས་ནས་ཉིན་བདུན་བརྒལ་རྗེས་ངོས་འཛིན་རྩིས་ལེན་བྱེད་མཁན་མེད་པའི་ཕྱུགས་རིགས་ལ། རྒྱལ་སྲིད་སྤྱི་ ཁྱབ་ཁང་གི《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》གི་དོན་ཚན་སོ་ལྔ་པ་ལྟར། "ཕྱུགས་རིགས་གསོས་ནས་གྲོང་ཁྱེར་གྱི་རྣམ་པར་གནོད་པ་དང་ཁོར་ཡུག་འཕྲོད་བསྟེན་ལ་གནོད་པ་ཐེབས་རིགས་ལ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་སྲིད་འཛིན་གཙོ་སྐྱོང་ཚན་ཁག་གམ་ཡང་ན་དེས་མངགས་བཅོལ་བྱས་པའི་ཚན་པས་དུས་བཀག་ལྟར་ཐག་གཅོད་བྱེད་དུ་འཇུག་རྒྱུའམ་ཡང་ན་གཞུང་བཞེས་གཏོང་རྒྱུ་མ་ཟད། དངུལ་ཆད་ཀྱང་བཅད་ཆོག" རྫོང་སྡོད་ཁང་འཛུགས་སྐྲུན་ཅུད(གྲོང་ཁྱེར་དོ་དམ་ཅུད)ཀྱིས་འབྲེལ་ཡོད་ཁྲིམས་འཛིན་ཚན་པ་དང་མཉམ་འབྲེལ་ཐོག་རྩིས་ལེན་བྱེད་མཁན་མེད་པའི་ཕྱུགས་རིགས་གཞུང་བཞེས་གཏོང་རྒྱུ་མ་ཟད། རྫོང་ཞིང་ལས་དང་གྲོང་གསེབ་ཅུད་ཀྱིས་གཞུང་བཞེས་བཏང་བའི་ཕྱུགས་རིགས་རྣམས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ཧབ་འཚོང་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གོང་ཐག་གཅོད་རྒྱུ་དང་། ཧབ་འཚོང་གྲོན་དངུལ་ཚང་མ་རྒྱལ་མཛོད་ལ་གོང་འབུལ་ཞུ་བའི་འགན་འཁུར་དགོས།
ལྔ། ཤང་(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཁག་གིས་གྲོང་ཁུལ་དང་དེའི་ཉེ་འཁོར་དུ་ཕྱུགས་རིགས་གསོ་སྤེལ་བྱེད་མི་ཆོག་པའི་ལས་དོན་དེ་ཤང་སྲོལ་དམངས་ཆིངས་དང་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་དང་བྱ་ཐབས་ཁ་གསལ་བཟོས་ཏེ། ཤང་(གྲོང་རྡལ)ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་དང་གྲོང་ཚོའི(གྲོང་ལྷན)དམངས་འཐུས་ཚོགས་ཆེན་སོགས་བརྒྱུད་ནས་མང་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ། སྒྲོག་འགྲེལ་རྒྱ་ཁྱབ་དང་། ངོས་འཛིན་གཅིག་མཐུན། མཉམ་དུ་བརྩི་སྲུང་། ཕན་འབྲས་དངོས་ལ་འགན་ལེན་བཅས་བྱེད་དགོས།
དྲུག ཚན་པ་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བཅོས་སྒྲིག་ལས་དོན་ལ་འགོག་རྐྱེན་བཟོ་བ་དང་། འགལ་རྐྱེན་བཟོ་བ། ཟིང་ཆ་སློང་བ་བཅས་བྱས་མི་ཆོག སྲིད་འཛིན་ཁྲིམས་འཛིན་ལས་དོན་སྤེལ་བར་འགོག་རྐྱེན་བཟོ་རིགས་ལ། ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་དང་། བྱས་ཉེས་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་དགོས།
འདམ་གཞུང་རྫོང་སྡོད་ཁང་འཛུགས་སྐྲུན་ཅུད
(གྲོང་ཁྱེར་དོ་དམ་ཅུད)ནས།
2024ལོའི་ཟླ3ཚེས18ཉིན་ལ།
搜一搜分
扫一扫在手机打开当前页